上海时时乐走势图连线|上海时时乐走势图连线
設為首頁 | 加入收藏
無標題文檔
 
首頁 | 新聞中心 | 圖片新聞 | 黨政領導 | 領導動態 | 媒體關注 | 黨的建設 | 生態保護 | 特色旅游 | 民俗文化 | 民生關注 | 精神文明
上海时时乐走势图连线 飞艇稳赚计划怎么买 河北钢铁股票行情 快乐时时是哪里的 任我赢自动投注系统 老快3走势图 gtaol从零赚钱 二十一点扑克游戏下载 广东11选5助手 真人街机捕鱼兑换现金游戏 AG夏日营地预测
 
  現在的位置: 果洛新聞網新聞中心
 
關于檢舉揭發黑惡勢力違法犯罪線索的通告
來源: 果洛州掃黑除惡專項斗爭領導小組辦公室
發布時間: 2019-04-16 10:34:43
編輯: 周生吉

ནག་ཚོགས་སྟོགས་ཤུགས་ཀྱི་ཁྲིམས་འགལ་ནག་ཉེས་ཀྱི་ཁུངས་སྣེ་ཐེར་འདོན་བྱེད་པའི་སྐོར་གྱི་བརྡ་ཁྱབ།

  ༡ མཁར་གྲོང་དང་ཞིང་སྡེ། འབྲོག་ཁུལ། རྩྭ་ས་བཅས་སུ་ས་ཁོངས་ཧམ་འཛིན་བྱེད་པ་དང་། ནག་ཉེས་སྣ་ཚོགས་སྤེལ་བ། མི་སེར་ལ་བརྙས་བཅོས་དང་གཉའ་གནོན་བྱེད་པ། ས་གནས་ཀྱི་སྤྱི་ཚོགས་བདེ་འཇགས་ལ་གནོད་པ་ཚབས་ཆེན་བཟོ་བ། མི་དམངས་མང་ཚོགས་ཀྱི་རྒྱུན་ལྡན་ཐོན་སྐྱེད་དང་འཚོ་བའི་སྒྲིག་སྲོལ་ལ་གཏོར་བརླག་བྱེད་པ། ས་ཁུལ་བཅོས་སྒྱུར་སྒོ་འབྱེད་ལ་འགོག་རྐྱེན་བཟོ་བའི་ཁྲིམས་འགལ་ནག་ཉེས་སྟོབས་ཤུགས་ཀྱི་གཏེ་བོ་དང་། རྐང་འཛིན་པ། ཡང་ན་དྲག་ཤུགས་ལ་བརྟེན་ནས་འཇིགས་སྐུལ་བ་སོགས་ཁྲིམས་མཐུན་མིན་པའི་བྱེད་ཐབས་སྤྱད་དེ་ཁེ་ཕན་ལེན་པའི“སྡེ་བའི་ཧམ་འཛིན་མཁན་དང་ཁྲམ་པ”

  ༢ གཞི་རིམ་གྱི་སྲིད་དབང་ལ་ཚོད་འཛིན་དང་ཁ་ལོ་བསྒྱུར་བ་དང་། རྒྱལ་ཁབ་དང་ཞིང་ཆེན། ཁུལ་གྱི་གནད་ཆེའི་རྣམ་གྲངས་འཛུགས་སྐྲུན་ལ་ལག་བསྲིང་བ། ཁྲིམས་འགལ་གྱིས་བཟོ་སྐྲུན་ཚོད་འཛིན། ཨར་ལས་བཟོ་སྐྲུན་ལ་འགོག་རྐྱེན་བཟོ་བ། བུན་དབང་ཆེ་འཛུགས། བཙན་ཤེད་ཉོ་ཚོང་། ཁྲིམས་འགལ་གྱི་ལས་གཉེར་སྒེར་སྡེམ། “སྲུང་སྐྱོབ་གྲོན་དངུལ་”བསྡུ་བ་སོགས་དངལ་འབྱོར་དང་འཕེལ་རྒྱས་ཀྱི་ཁོར་ཡུག་ལ་གཏོར་བརླག་བྱེད་པའི་ནག་ཚོགས་སྟོབས་ཤུགས།

  ༣ གྲོང་གསེབ་དུ་ཁྲིམས་མེད་ལུགས་མེད་བྱེད་པ་དང་ཁྱིམ་རྒྱུད་ཀྱི་སྟོབས་ཤུགས་དང་། ཆོས་ལུགས། རུས་རྒྱུད་ཀྱི་སྟོབས་ཤུགས་སྤྱད་དེ་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བ། མང་ཚོགས་ལ་མནར་གཅོད་དང་བརྙས་བཅོས་བྱེད་པ། སྡེ་དོན་གནོད་རྐྱེན་བཟོ་བ། ས་ཁུངས་ཧམ་འཛིན་དང་། ཁྲིམས་མེད་ལུགས་མེད་བྱེད་པའི“སྡེ་གྲོང་གི་ནག་ཉེས་གཏེ་བོ་”སོགས་ནག་ཚོགས་སྟོབས་ཤུགས།

  ༤ རིགས་མི་འདྲ་བའི་ཞིང་ཚོང་ཁྲོམ་ར་བཙན་ལེན་གྱིས་ཚོང་གྲོགས་ལ་མགོ་སྐོར་གཏོང་བ་དང་ཚོང་ར་ཧམ་བཟུང་བྱེད་པ།བཙན་ཉོ་བཙན་འཚོང་བྱེད་པ་དང་བསྙད་འདོགས་རྒྱུ་ལེན།མི་མང་བསྡུ་རུབ་ཀྱིས་ཟིང་ཆ་སློང་བ་སོགས་མང་ཚོགས་ཀྱི་ཁེ་དབང་ལ་གནོད་པ་བཟོ་བའི་རིགས་མི་འདྲ་བའི་ནག་སྤྱོད་སྟོབས་ཤུགས།

  ༥ ལྐོག་རྔན་དང་གཏུམ་སྤྱོད།མགོ་གཡོགས་དང་འཇིགས་སྐུལ་གྱི་བྱེད་ཐབས་སྤྱད་ནས་སྡེ་བ་རིམ་པའི་བསྐོས་གཉིས་སྐབས་བརྗེའི་འདེམས་བསྐོར་བར་ཆད་བྱེད་པའི་ནག་སྤྱོད་སྟོབས་ཤུགས་དང་། མིང་གཞན་ལ་ཁ་གཡར་ནས་ས་ཆ་བསྡུ་ལེན་དང་གླ་བའི་གོ་རིམ་ཁྲོད་མང་ཚོགས་ལ་ངན་སྐུལ་ཟིང་སློང་དང་མི་མང་པོ་རྩ་འཛུགས་བྱས་ནས་གོང་ཞུ་བྱེད་པའི་ནག་སྤྱོད་སྟོབས་ཤུགས།

  ༦ ཐུན་མོང་གི་རྒྱུ་ནོར་བཙན་བཟུང་གིས་ཐུན་མོང་གི་ཐོན་ཁུངས་སྒེར་སྡོམ་བྱེད་པ། མི་སྒེར་དང་ཁྱིམ་རྒྱུད།ངན་རོགས་བཅས་ཀྱི་ཁྲིམས་མཐུན་མིན་པའི་ཁེ་དབང་བེད་སྤྱོད་བྱ་བའི་ནག་སྤྱོད་སྟོབས་ཤུགས། ཁྲིམས་འགལ་སྒྲིག་འགལ་གྱིས་ཐུན་མོང་གི་ས་ཆ་ཉོ་འཚོང་བྱེད་པ་དང་ས་ཆ་བསྡུ་ལེན་གྱི་ཁ་གསབ་མ་དངུལ་ཧམ་ལེན་བྱེད་པ།ཁྲིམས་འགལ་གྱིས་ཐུན་མོང་དང་མང་ཚོགས་ཀྱི་ས་ཆ་བཙན་ལེན་སོགས་བྱེད་པའི་སྡེ་བའི་ལས་བྱེད་པ།

  ༧ མི་མང་དཔུང་བསྡེབས་ཀྱིས་རྒྱུན་ལྡན་གྱི་གཉེར་སྐྱོང་སྒྲིག་ལམ་ལ་གཏོར་བརླག་བྱེད་པ་དང་ད་དུང་བཙན་བཙོང་བཙན་ཉོ། བསྙད་བརྐོ་ཟིང་སློང་། བསྙད་འདོགས་རྒྱུ་ལེན། འགྲུམ་འགྲེལ་དང་གྲོང་ཁྱེར་དོ་དམ་སོགས་་གཏོར་བརླག་ཐེབས་པའི་ཁྲིམས་འགལ་ནག་ཉེས་ཀྱི་བྱེད་སྒོ་སྤེལ་བ།

  ༨ ངན་པ་ཕྱོགས་སྒྲིག་དང་བསྙད་བརྐོ་ཟིང་སློང་། རྡུང་རེས། བཙན་འཕྲོག་བཙན་ལེན་བྱས་པ། ནག་ཚོགས་ཀྱི་ངོ་བོ་ལྡན་པའི་ང་བཙན་ང་ཆེ་བྱས་ནས་ཕྱོགས་གཅིག་སྒྲིག་ལམ་གཏོར་བརླག་ཐེབས་པའི་ནག་ཚོགས་སྟོབས་ཤུགས་རང་བཞིན་གྱི་ཤོག་ཁོག་གི་སྟོབས་ཤུགས།

  ༩ མཁར་གྲོང་། ཞིང་སྡེ། འབྲོག་ཁུལ། རྩྭ་ས། སྤྱི་དམངས་སྡོད་ཁུལ། རོལ་རྩེད་དོ་ར། རྩ་འཛིགས་ཡོད་པའི་སྒོ་ནས“སེར་བ། དུ་ནག ཤོ་རྒྱག་པ མེ་མདའ”སོགས་ཀྱི་བྱ་བ་དང་འབྲེལ་བའི་ཁྲིམས་འགལ་ནག་ཉེས་གྱི་བྱེད་སྒོ་སྤེལ་བ། སྤྱི་ཚོགས་ཀྱི་ཁ་དབུགས་གཏོར་བརླག་ཚབས་ཆེན་བཟོས་བ་དང་སྤྱི་ཚོགས་བདེ་འཇགས་ལ་གནོད་འཚེ་བཟོ་བའི་ནག་ཚོགས་སྟོབས་ཤུགས།

  ༡༠ ངན་སེམས་གོང་ཞུའི་མི་སྣའམ་ཚོགས་པ།

  ༡༡ མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་ཚབས་ཆེན་བཟོས་བ་དང་ཏང་དང་སྲིད་གཞུང་གི་སྣང་བརྙན་ལ་གཏོར་བརླག་གཏོང་བའི་ནག་ཚོགས་དང་འབྲེལ་བའི་ཁྲིམས་འགལ་ནག་ཉེས་ཀྱི་ཁུངས་སྣེ་གཞན་པ།

  ནག་ཚོགས་སྟོབས་ཤུགས་ཁྲིམས་འགལ་ནག་ཉེས་ཐེར་འདོན་བྱེད་སའི་ཁ་པར་0975-8384418

  མགོ་ལོག་ཁུལ་ནག་འཇོམས་ངན་སེལ་ཆེད་དོན་དམག་འཐབ་བྱ་བའི་འགོ་ཁྲིད་ཚན་ཆུང་།

  2018ལོཟླ4བའི་ཚེས28ཉིན།

相關新聞↓
    [ 返回首頁 ] [ 打印 ] [ 進入青新論壇 ] [ 關閉窗口 ]
   
 
 
主辦:中共果洛州委宣傳部 技術支持:青海新聞網
果洛新聞網投稿郵箱:[email protected]
飞艇稳赚计划怎么买 河北钢铁股票行情 快乐时时是哪里的 任我赢自动投注系统 老快3走势图 gtaol从零赚钱 二十一点扑克游戏下载 广东11选5助手 真人街机捕鱼兑换现金游戏 AG夏日营地预测