上海时时乐走势图连线|上海时时乐走势图连线
設為首頁 | 加入收藏
無標題文檔
 
首頁 | 新聞中心 | 圖片新聞 | 黨政領導 | 領導動態 | 媒體關注 | 黨的建設 | 生態保護 | 特色旅游 | 民俗文化 | 民生關注 | 精神文明
上海时时乐走势图连线 德州哪里有卖麻将的 北京赛车 闲来宁夏麻将有规律吗 江苏快3 M5彩票安全吗 快乐十分选号技巧 518彩网手机登录 云南快乐10分软件下载 江苏十一选五今天开奖号 东北麻将穷胡下载
 
  現在的位置: 果洛新聞網新聞中心
 
關于依法嚴厲打擊黑惡勢力違法犯罪的通告
來源: 果洛州掃黑除惡專項斗爭領導小組辦公室
發布時間: 2019-04-16 10:32:57
編輯: 周生吉

ཁྲིམས་ལྟར་ཁྲིམས་འགལ་ཉེས་བསགས་ཀྱི་ནག་ཚོགས་སྤྱོད་ངན་སྟོབས་ཤུགས་ལ་རྡུང་རྡེག་ནན་མོ་གཏོང་བའི་སྐོར་ཀྱི་ཁྱབ་བརྡ།

  རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་ཏན་ཏིག་བྱེད་ཆེད་དང་། སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ཡོང་བ་སྲུང་སྐྱོབ་བྱེད་ཆེད། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ནག་འཇོམས་ངན་སེལ་གྱི་ཆེད་དམུགས་འཐབ་རྩོད་སྤེལ་བའི་སྐོར་གྱི་བརྡ་སྦྱོར་》གྱི་དགོངས་དོན་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་དོན་གཏུག་བཤེར་བཅའ་ཁྲིམས》དང་འབྲེལ་ཡོད་གཏན་འབེབས་ལྟར། ད་ལྟ་ཁྲིམས་ལྟར་ཁྲིམས་འགལ་ཉེས་བསགས་ཀྱི་ནག་ཚོགས་སྤྱོད་ངན་སྟོབས་ཤུགས་ལ་རྡུང་རྡེག་ནན་མོ་གཏོང་བའི་འབྲེལ་ཡོད་དོན་ཚན་དག་ཁྱབ་བསྒྲགས་བྱེད་པ་གཤམ་གསལ་ལྟར།

  གཅིག ནག་ཚོགས་སྤྱོད་ངན་སྟོབས་ཤུགས་ཀྱི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་དང་དེ་བཞིན་ནག་ལས་སྤྱི་ཚོགས་ཀྱི་ངོ་བོ་ཅན་གྱི་རྩ་འཛུགས་ལ་འགེབས་སྲུང་དང་རྒྱ་ཡན་དུ་གཏོང་བའི་མི་སྣ་ཡིན་ཚེ། ངེས་པར་དུ་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་མཐའ་དག་མྱུར་དུ་མཚམས་འཇོག་དགོས། ཁྱབ་བརྡ་འདི་བསྒྲགས་པའི་ཉིན་ནསབཟུང་རང་འགུལ་གྱིས་རང་ཉེས་ངོས་ལེན་ཞུས་པ་དང་རང་ཉིད་ཀྱི་ཉེས་སྤྱོད་དྲང་བོར་ཞུ་མཁན་ལ། ཁྲིམས་ལྟར་ཁྲིམས་ཆད་ཡང་མོ་བཅད་ཆོག གཏན་འབེབས་ཀྱི་དུས་ཚོད་ནང་དུ་མགོ་བཏགས་ངོས་ལེན་མི་བྱེད་པ་དང་། མུ་མཐུད་དུ་ཁྲིམས་འགལ་ཉེས་བསགས་བྱ་སྤྱོད་སྤེལ་ན་ཁྲིམས་ཆད་ནན་མོ་གཅོད་རྒྱུ། ནག་སྤྱོད་སྟོབས་ཤུགས་ལ་འགེལ་སྲུང་བྱེད་པའི་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣར་ཁྲིམས་དང་སྒྲིག་ལམ་ལྟར་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱ་རྒྱུ་དང་། སུ་ཞིག་ལ་འབྲེལ་བ་ཡོད་རུང་ཚང་མར་རྩད་ཞིབ་གསལ་བོ་བྱས་ཏེ་རྒྱ་ཡན་དུ་གཏན་ནས་མི་གཏོང་།

  གཉིས། ནག་ཚོགས་སྤྱོད་ངན་སྟོབས་ཤུགས་ཀྱི་བྱས་ཉེས་གསོག་མཁན་གྱི་མི་སྣར་གཉེན་ཉེ་དང་གྲོགས་པོས་སློབ་གསོའི་བསླབ་བྱ་གང་ཐུབ་བྱ་དགོས་ཤིང་། གྲོགས་པོའམ་གཉེན་ཉེས་སློབ་གསོའི་བསླབ་བྱ་བཏང་པ་བརྒྱུད་དེ་རང་ཉེས་ངོས་ལེན་ཞུ་བར་འགྲོ་རོགས་བྱེད་པའམ། གཉེན་གྲོགས་ཀྱིས་རང་འགུལ་ངང་གྱོད་དོན་སྙན་ཞུ་བྱས་རྗེས། ཉེས་བསགས་མི་སྣ་རང་ཉེས་ངོས་ལེན་ཞུ་བར་བསྐྱལ་ཡོང་བ་ཡིན་ན། རང་འགུལ་གྱི་མགོ་བཏགས་བྱས་པའི་ངོས་འཛིན་བྱེད་རྒྱུ་ཡིན། ནག་ཚོགས་ཀྱི་མི་སྣ་སྦ་སྐུང་དང་འགེབས་སྲུང་བྱེད་པའམ་ཡང་ན་ནག་དངུལ་དག་འབུད་བྱེད་པ་དང་གཏོར་བརླག་བྱེད་པ། བདེན་དབང་རྫུན་བཟོ་དང་གཡོ་འགེབས། གཞན་ད་དུང་ཉེས་གསོག་གི་ཐོབ་ཆ་ཉེས་གསོག་ལས་ཐོབ་པའི་ཡོང་འབབ་སྦས་གསང་བྱས་པ་ཡིན་ན། ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱེད་རྒྱུ། ནག་ཚོགས་སྤྱོད་ངན་སྟོབས་ཤུགས་ཀྱི་བྱས་ཉེས་བསགས་མཁན་དེ་ཁྲིམས་འོག་ཏུ་ཚུད་རྗེས། མི་གཞན་གྱི་ཉེས་བསགས་ཐེར་འདོན་བྱས་པ་མ་ཟད་དོན་དངོས་དང་མཐུན་ཞིང་། དེ་བཞིན་གྱོད་དོན་གཞན་རྩད་ཆོད་བྱུང་བར་ཁུངས་སྣེ་གལ་ཆེན་འདོན་སྤྲོད་བྱས་པ་བདེན་པ་ཡིན་པའམ་ཡང་ན་ཁྲིམས་འཛིན་ལས་ཁུངས་ལ་གཞོགས་འདེགས་བྱས་ནས་དོགས་ཡོད་ཉེས་ཅན་འཛིན་བཟུང་བྱས་པ་ཡིན་ན་ཁྲིམས་ལྟར་ཆད་པ་ཡང་མོ་གཅོད་པའམ་ཡང་ན་ཆད་པ་མི་གཅོད་པར་གུ་ཡངས་སུ་གཏོང་རྒྱུ། ནག་ཚོགས་སྤྱོད་ངན་སྟོབས་ཤུགས་ཀྱི་བྱས་ཉེས་བསགས་མཁན་གྱིས་མྱུལ་ཞིབ་དང་། ཁྲིམས་སྤྱོར། འདྲི་གཅོད། ཞིབ་བཤེར་བྱ་བ་བཅས་ལ་གཞོགས་འདེགས་ཧུར་ཐེག་བྱས་ཏེ། ནག་ཚོགས་ཀྱི་ངོ་བོ་ལྡན་པའི་སྤྱི་ཚོགས་རྩ་འཛུགས་གྲུབ་ཚུལ་དང་རྩ་འཛུགས་བྱེད་མཁན། འགོ་ཁྲིད་པའི་གོ་གནས་ནུས་པ། རྩ་འཛུགས་ཀྱིས་ལག་བསྟར་བྱས་པའི་ཉེས་བསགས་དོན་དངོས་གལ་ཆེན་དང་། ལྐོག་རྔན་དུ་བླངས་པའི་དངུལ་དངོས་གཞུང་བཞེས་ཕྱིར་སློག་བྱེད་ཐུབ་པ་དང་རྒྱབ་རྟེན་ལ་རྡུང་རྡེག་གཏོང་བ་སོགས་ཀྱི་ཐད་ཁུངས་སྣེ་དང་བདེན་དཔང་གལ་ཆེན་འདོན་སྤྲོད་བྱས་པ་མ་ཟད་བརྟག་དཔྱད་བྱས་པ་ནི་དོན་དངོས་ཡིན་ཚེ། གྱོད་དོན་གྱི་གནས་ཚུལ་དངོས་ལ་གཞིགས་ནས། ཁྲིམས་ལྟར་ཁྲིམས་ཆད་ཡང་མོར་གཏོང་བའམ་ཡང་ན་མེད་པར་གཏོང་རྒྱུ།

  གསུམ། ནག་འཇོམས་ངན་སེལ་ནི་མི་དམངས་ཀྱི་དམག་འཁྲིག་ཐེངས་ཞིག་ཡིན། ངེས་པར་དུ་མི་དམངས་མང་ཚོགས་ཀྱི་ཧུར་བརྩོན་གྱིས་ཐེ་ཞུགས་ལ་བརྟེན་དགོས། རྒྱ་ཆེའི་མང་ཚོགས་ཀྱི་ཧུར་ཐེག་གིས་ནག་ཚོགས་སྤྱོད་ངན་གྱི་འབྲེལ་ཡོད་ཉེས་གསོག་དང(གྲོང་སྡེའི་བཙན་བདག)སོགས་མངོན་གསལ་དོད་པོའི་གནད་དོན་ཐེར་འདོན་བྱེད་པར་དགའ་བསུ་ཞུ། ནག་ཚོགས་སྤྱོད་ངན་སྟོབས་ཤུགས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་། ནག་སྤྱོད་སྟོབས་ཤུགས་རྩ་མེད་གཏོང་བ་དང་ནག་སྤྱོད་སྟོབས་ཤུགས་འགེབས་སྲུང་ཁྲོད་ནུས་པ་གལ་ཆེན་འདོན་མཁན་ལ་བྱ་དགའ་གནངས་རྒྱུ། སྲིད་ཁྲིམས་ལས་ཁུངས་ཀྱིས་ཐེར་འདོན་བྱེད་མཁན་མི་སྒེར་གྱི་གནས་ཚུལ་དང་བདེ་འཇགས་ལ་ཁྲིམས་ལྟར་སྲུང་སྐྱོབ་ནན་མོ་བྱ་རྒྱུ་ཡིན།

  ཁུལ་ཡོངས་ཀྱི་ནག་འཇོམས་ངན་སེལ་ཐེར་འདོན་བྱེད་སའི་ཁ་པར་ཨང་གྲངས།

  0975—8384418

  བརྡ་ཁྱབ་འདི་སྤེལ་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།

  མགོ་ལོག་ཁུལ་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་བྱ་བའི་འགོ་ཁྲིད་ཚན་ཆུང་།

  2018ལོའི་ཟླ3པའི་ཚེས1ཉིན།

相關新聞↓
    [ 返回首頁 ] [ 打印 ] [ 進入青新論壇 ] [ 關閉窗口 ]
   
 
 
主辦:中共果洛州委宣傳部 技術支持:青海新聞網
果洛新聞網投稿郵箱:[email protected]
德州哪里有卖麻将的 北京赛车 闲来宁夏麻将有规律吗 江苏快3 M5彩票安全吗 快乐十分选号技巧 518彩网手机登录 云南快乐10分软件下载 江苏十一选五今天开奖号 东北麻将穷胡下载